- Lyrics
- Album list
三郎哈姆
-
喜
Lyricist:智王桑珠 Composer:智王桑珠
དེ་རིང་རྟེན་འབྲེལ་བཟང་པོ། བཀྲ་ཤིས་རྟགས་བརྒྱད་འཛོམས་སོང། དེ་རིང་བསྐལ་བ་བཟང་པོ། བཀྲ་ཤིས་ཁ་ཏགས་འབུལ་ལོ། འཛོམས་པའི་ཉིན་མོ་འདི་ལ། ཁ་ལས་རླུང་རྟ་དར་ཤོག། ལག་བཟུང་ཁ་ཏགས་དཀར་པོ། བཀྲ་ཤིས་སྨོན་འདུན་ཞུ་བའོ། བཀྲ་ཤིས་པའི་སྙན་དབྱངས་འབུལ་ལོ། དོན་འགྲུབ་པའི་ཞབས་བྲོ་འཁྲབ་ཤོག། Find more lyrics at ※ Mojim.com དུས་ཡང་ཡང་འཛོམས་པའི་ཉིན་འདིར། ལས་དང་དབང་ཐང་དར་བའི་བཀྲ་ཤིས། བཀྲ་ཤིས་པའི་ཆར་པ་འབབ་སོང་། དོན་འགྲུབ་པའི་དུས་བཟང་བསུ་སོང་། རྟགས་རྟེན་འབྲེལ་བཟང་བའི་ཉིན་འདིར། ཚེ་བསོད་ནམས་རྒྱས་པའི་བཀྲ་ཤིས་ཤོག། ལས་དང་དབང་ཐང་དར་བའི་བཀྲ་ཤིས། བཀྲ་ཤིས་པའི་ཆར་པ་འབབ་སོང་། དོན་འགྲུབ་པའི་དུས་བཟང་བསུ་སོང་། རྟགས་རྟེན་འབྲེལ་བཟང་བའི་ཉིན་འདིར། ཚེ་བསོད་ནམས་རྒྱས་པའི་བཀྲ་ཤིས་ཤོག།
-
|